第一条为了加强停车场规划和建设,规范停车场使用和管理,改善交通环境和市容市貌,根据有关法律、法规,结合本市实际,制定本办法。
དོན་ཚན་དང་པོ།རླངས་འཁོར་འཇོག་ས་འཆར་འགོད་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།རླངས་འཁོར་འཇོག་ས་བེད་སྤྱོད་དང་དོ་དམ་བྱེད་རྒྱུ་ཚད་ལྡན་གཏོང་བ།འགྲིམ་འགྲུལ་གྱི་ཁོར་ཡུག་དང་གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་གཏོང་བ་བཅས་བྱ་ཆེད།འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་།རང་རེའི་གྲོང་ཁྱེར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱ་ཐབས་འདི་བཟོས་པ་ཡིན།
第二条本市行政区域内停车场的规划、建设、使用及管理活动,适用本办法。
公共交通、道路客运、道路货运等停车场的规划、建设、使用及管理,不适用本办法。
དོན་ཚན་གཉིས་པ།རང་རེའི་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ནང་གི་རླངས་འཁོར་འཇོག་ས་འཆར་འགོད་དང་།འཛུགས་སྐྲུན།བེད་སྤྱོད།དོ་དམ་བཅས་ཀྱི་འབྲེལ་ཡོད་བྱ་སྤྱོད་ལ་བྱ་ཐབས་འདི་སྤྱད་ན་འཐུས།
སྤྱི་པའི་འགྲིམ་འགྲུལ་དང་།འགྲོ་ལམ་འགྲུལ་སྐྱེལ།འགྲོ་ལམ་ཟོག་འདྲེན་སོགས་ཀྱི་རླངས་འཁོར་འཇོག་ས་འཆར་འགོད་དང་།འཛུགས་སྐྲུན།བེད་སྤྱོད།དོ་དམ་བཅས་ལ་དོ་དམ་བྱ་ཐབས་འདི་སྤྱད་མི་འཐུས།
第三条本办法所称停车场,是指用于停放车辆的场所,包括公共停车场、专用停车场和道路停车泊位。
དོན་ཚན་གསུམ་པ།བྱ་ཐབས་འདིའི་ནང་གི་རླངས་འཁོར་འཇོག་ས་ཞེས་པ་ནི་རླངས་འཁོར་འཇོག་སར་ཟེར་ཞིང་།དེའི་ནང་སྤྱི་པའི་རླངས་འཁོར་འཇོག་ས་དང་།ཆེད་སྤྱོད་རླངས་འཁོར་འཇོག་ས།འགྲོ་ལམ་ཐོག་གི་རླངས་འཁོར་འཇོག་ས་བཅས་ཚུད་ཡོད།
公共停车场,是指向社会公众开放,为不特定对象提供停车服务的停车场,包括独立建设的公共停车场和建筑工程配建的公共停车场。
སྤྱི་པའི་རླངས་འཁོར་འཇོག་ས་ཞེས་པ་ནི།སྤྱི་ཚོགས་ཀྱི་སྤྱི་དམངས་ལ་སྒོ་འབྱེད་པ་དང་།ཁ་གཏད་དམིགས་འཛུགས་མེད་པར་རླངས་འཁོར་འཇོག་སའི་ཞབས་ཞུ་མཁོ་འདོན་བྱེད་པའི་རླངས་འཁོར་འཇོག་སར་ཟེར།དེའི་ནང་རང་ཚུགས་ཀྱིས་འཛུགས་སྐྲུན་བྱས་པའི་སྤྱི་པའི་རླངས་འཁོར་འཇོག་ས་དང་འཛུགས་སྐྲུན་ལས་གྲྭའི་ལྷན་སྦྱར་དུ་བསྐྲུན་པའི་སྤྱི་པའི་རླངས་འཁོར་འཇོག་ས་ཚུད་ཡོད།
专用停车场,是指为特定对象或特定范围的对象提供停车服务的停车场,包括公共建筑和居住建筑配建的专用停车场,以及建筑区划内利用业主共有的道路或者其他场地设置的停车泊位。
ཆེད་སྤྱོད་རླངས་འཁོར་འཇོག་ས་ཞེས་པ་ནི།དམིགས་འཛུགས་བྱ་ཡུལ་ལམ་ཡང་ན་དམིགས་འཛུགས་ཀྱི་ཁྱབ་ཁོངས་སུ་རླངས་འཁོར་འཇོག་སའི་ཞབས་ཞུ་མཁོ་འདོན་བྱེད་པའི་རླངས་འཁོར་འཇོག་སར་ཟེར་ཞིང་།དེའི་ནང་སྤྱི་པའི་འཛུགས་སྐྲུན་དང་སྡོད་གནས་འཛུགས་སྐྲུན་གྱི་ལྷན་སྦྱར་དུ་བསྐྲུན་པའི་ཆེད་སྤྱོད་རླངས་འཁོར་འཇོག་ས་དང་།དེ་བཞིན་འཛུགས་སྐྲུན་ས་ཁོངས་ནང་ཁང་བདག་ཐུན་མོང་ལ་དབང་བའི་འགྲོ་ལམ་མམ་ཡང་ན་ས་ཆ་གཞན་སྤྱད་དེ་བཙུགས་པའི་རླངས་འཁོར་འཇོག་ས་བཅས་ཚུད་ཡོད།
道路停车泊位,是指在城市道路上依法设置的向社会公众提供停车服务的停车场所,包括免费停车泊位和收费停车泊位。
འགྲོ་ལམ་ཐོག་གི་རླངས་འཁོར་འཇོག་ས་ཞེས་པ་ནི།གྲོང་ཁྱེར་གྱི་འགྲོ་ལམ་ཐོག་ཁྲིམས་ལྟར་བཙུགས་པའི་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་རླངས་འཁོར་འཇོག་སའི་ཞབས་ཞུ་མཁོ་འདོན་བྱེད་པའི་རླངས་འཁོར་འཇོག་སར་ཟེར་ཞིང་།དེའི་ནང་རིན་མེད་ཀྱི་རླངས་འཁོར་འཇོག་ས་དང་རིན་བསྡུའི་རླངས་འཁོར་འཇོག་ས་ཚུད་ཡོད།
第四条停车场的规划、建设、使用及管理遵循政府引导、市场运作、建管并重、社会共治、高效便民原则。
དོན་ཚན་བཞི་པ།རླངས་འཁོར་འཇོག་ས་འཆར་འགོད་དང་།འཛུགས་སྐྲུན།བེད་སྤྱོད་དེ་བཞིན་དོ་དམ་བཅས་བྱེད་སྐབས་སྲིད་གཞུང་གིས་ཁྲིད་སྟོན་དང་།ཁྲོམ་རས་འཁོར་སྐྱོད།འཛུགས་སྐྲུན་དང་དོ་དམ་མཉམ་འཛིན།སྤྱི་ཚོགས་ཀྱིས་མཉམ་བཅོས།ནུས་ཆེ་དམངས་ཕན་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས།
第五条市人民政府应当加强停车场管理工作的组织领导,建立健全工作协调机制,解决停车场规划、建设和管理工作中的重大问题。
དོན་ཚན་ལྔ་པ།གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རླངས་འཁོར་འཇོག་སའི་དོ་དམ་ལས་དོན་ལ་སྒྲིག་འཛུགས་དང་འགོ་ཁྲིད་རྒྱུར་ཤུགས་སྣོན་བརྒྱབ་སྟེ།ལས་ཀའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས།རླངས་འཁོར་འཇོག་ས་འཆར་འགོད་དང་།འཛུགས་སྐྲུན།དོ་དམ་བཅས་ཀྱི་གལ་ཆེའི་གནད་དོན་ཐག་གཅོད་བྱེད་དགོས།
县(区)人民政府负责组织实施本行政区域停车场规划、建设和管理工作。
རྫོང་(ཆུས)མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་རླངས་འཁོར་འཇོག་ས་འཆར་འགོད་དང་།འཛུགས་སྐྲུན།དོ་དམ་བཅས་ཀྱི་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱེད་འགན་འཁུར་དགོས།
乡(镇)人民政府、街道办事处应当配合县(区)人民政府及其有关行政主管部门做好本行政区内停车管理和宣传协调等工作。
ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་གིས་ངེས་པར་དུ་རྫོང་(ཆུས)མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཚན་ལ་གཞོགས་འདེགས་བྱས་ནས།སྲིད་འཛིན་ས་ཁུལ་དེ་གའི་ནང་གི་རླངས་འཁོར་འཇོག་པར་དོ་དམ་དང་དྲིལ་བསྒྲགས་མཐུན་སྦྱོར་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།
第六条城市管理主管部门是停车场管理的主管部门,负责统筹协调停车场规划、建设和管理工作,负责对停车场经营单位的行业指导管理,负责监督指导本行政区域内停车场相关政策执行,并会同相关部门对停车场建设审批、验收使用等情况进行监督。
དོན་ཚན་དྲུག་པ།གྲོང་ཁྱེར་དོ་དམ་གཙོ་གཉེར་སྡེ་ཚན་ནི་རླངས་འཁོར་འཇོག་ས་དོ་དམ་བྱེད་མཁན་གཙོ་གཉེར་སྡེ་ཚན་ཡིན་པས་རླངས་འཁོར་འཇོག་ས་འཆར་འགོད་དང་།འཛུགས་སྐྲུན།དོ་དམ་བཅས་ཀྱི་ལས་དོན་ལ་སྤྱི་འདོམས་མཐུན་སྦྱོར་དང་།རླངས་འཁོར་འཇོག་ས་གཉེར་སྐྱོང་ཚན་པའི་ལས་རིགས་ལ་མཛུབ་ཁྲིད་དོ་དམ།སྲིད་འཛིན་ས་ཁོངས་དེ་གའི་རླངས་འཁོར་འཇོག་སའི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་བྱེད་རྒྱུར་ལྟ་སྐུལ་དང་མཛུབ་ཁྲིད་བཅས་ཀྱི་འགན་འཁུར་དགོས་པ་མ་ཟད།འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རླངས་འཁོར་འཇོག་ས་འཛུགས་སྐྲུན་ཞིབ་མཆན་དང་།ཞིབ་བཤེར་རྩིས་ལེན།བེད་སྤྱོད་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་བྱེད་དགོས།
公安机关交通管理部门负责指导并参与停车场选址、规划等相关工作。
སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་རླངས་འཁོར་འཇོག་ས་འདེམས་པ་དང་འཆར་འགོད་བྱེད་པ་སོགས་ཀྱི་འབྲེལ་ཡོད་ལས་ཀར་མཛུབ་ཁྲིད་དང་དེའི་ནང་ཞུགས་དགོས།
自然资源主管部门负责停车场的用地保障、规划审批和土地管理工作。
རང་བྱུང་ཐོན་ཁུངས་དོ་དམ་གཙོ་གཉེར་སྡེ་ཚན་གྱིས་རླངས་འཁོར་འཇོག་སའི་ས་ཆ་འགན་སྲུང་དང་།འཆར་འགོད་ཞིབ་མཆན།ས་ཆ་དོ་དམ་བཅས་ཀྱི་འགན་འཁུར་དགོས།
消防救援机构按照消防法律法规负责停车场消防安全监督检查。
མེ་གསོད་རོགས་སྐྱོབ་ལས་ཁུངས་ཀྱིས་མེ་ཟོན་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་རླངས་འཁོར་འཇོག་སའི་མེ་ཟོན་བདེ་འཇགས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་འགན་འཁུར་དགོས།
发展改革、财政、民政、应急、交通运输、市场监督管理、税务等部门,应当按照各自职责做好停车场管理相关工作。
འཕེལ་རྒྱས་བསྒྱུར་བཅོས་དང་།ནོར་སྲིད།དམངས་སྲིད།འཕྲལ་སྡོམ།འགྲིམ་འགྲུལ་སྐྱེལ་འདྲེན།ཁྲོམ་ར་ལྟ་སྐུལ་དོ་དམ།ཁྲལ་དོན་སོགས་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲི་ལྟར་རླངས་འཁོར་འཇོག་ས་དོ་དམ་གྱི་འབྲེལ་ཡོད་ལས་ཀ་ལེགས་པར་སྒྲུབ་དགོས།
第七条城市管理主管部门应当会同发展改革、自然资源、公安机关交通管理等部门,根据城市总体规划和城市发展建设需要编制停车场专项规划,报经本级人民政府批准后实施。
དོན་ཚན་བདུན་པ།གྲོང་ཁྱེར་དོ་དམ་གཙོ་གཉེར་སྡེ་ཚན་གྱིས་ངེས་པར་དུ་འཕེལ་རྒྱས་བསྒྱུར་བཅོས་དང་།རང་བྱུང་ཐོན་ཁུངས།སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སོགས་སྡེ་ཚན་དང་མཉམ་དུ་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་དང་གྲོང་ཁྱེར་གོང་འཕེལ་འཛུགས་སྐྲུན་གྱི་དགོས་མཁོར་གཞིགས་ཏེ།རླངས་འཁོར་འཇོག་སའི་ཆེད་དོན་འཆར་འགོད་བཟོས་ནས།རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱེད་དགོས།
第八条新建、改建、扩建的公共建筑、商业街区、居住区、大(中)型建筑等,应当按照配套建设指标、设计规范、建设标准和程序建设停车场。
དོན་ཚན་བརྒྱད་པ།སྤྱི་པའི་བཟོ་བཀོད་དང་།ཁྲོམ་ལམ།སྡོད་ཁུལ།བཟོ་བཀོད་ཆེ(འབྲིང་)སོགས་གསར་སྐྲུན་དང་།བསྐྱར་སྐྲུན།རྒྱས་སྐྲུན་བཅས་བྱེད་སྐབས་ལྷན་སྦྱར་འཛུགས་སྐྲུན་དམིགས་ཚད་དང་།ཇུས་འགོད་ཚད་གཞི།འཛུགས་སྐྲུན་ཚད་གཞི་དང་གོ་རིམ་གཞིར་བཟུང་རླངས་འཁོར་འཇོག་ས་སྐྲུན་དགོས།
建设的停车场应当与主体工程同步设计、同步建设、同步验收。
鼓励建设停车楼、地下停车场等集约化停车场。
འཛུགས་སྐྲུན་བྱས་པའི་རླངས་འཁོར་འཇོག་ས་དེ་གཙོ་གནས་ལས་གྲྭ་དང་དུས་མཉམ་ཇུས་འགོད་དང་།འཛུགས་སྐྲུན།ཞིབ་བཤེར་རྩིས་ལེན་བཅས་བྱེད་དགོས།
འཁོར་འཇོག་ཐོག་ཁང་དང་ས་འོག་རླངས་འཁོར་འཇོག་ས་སོགས་ལེགས་བསྡུས་ཅན་གྱི་རླངས་འཁོར་འཇོག་ས་བསྐྲུན་རྒྱུར་སྐུལ་ལྕག་གཏོང་དགོས།
第九条新建、改建、扩建公共停车场和专用停车场按照国家、自治区及本市有关规定,结合实际,建设新能源汽车充电设施或者预留安装条件。
དོན་ཚན་དགུ་པ།སྤྱི་པའི་རླངས་འཁོར་འཇོག་ས་དང་ཆེད་སྤྱོད་རླངས་འཁོར་འཇོག་ས་གསར་སྐྲུན་དང་།བསྐྱར་སྐྲུན།རྒྱས་སྐྲུན་བཅས་བྱེད་སྐབས་རྒྱལ་ཁབ་དང་།རང་སྐྱོང་ལྗོངས།དེ་བཞིན་གྲོང་ཁྱེར་དེ་གའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའམ་ཡང་ན་སྒྲིག་སྦྱོར་བྱེད་སའི་ཆ་རྐྱེན་སྔོན་འཇོག་བྱེད་དགོས།
第十条停车场建设应当符合国家相关建设标准和规范,配套建设照明、通讯、通风、消防、视频监控等系统,设置交通安全、防汛、无障碍等设施设备,并设置相应的标识。
དོན་ཚན་བཅུ་པ།རླངས་འཁོར་འཇོག་ས་འཛུགས་སྐྲུན་བྱེད་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་འཛུགས་སྐྲུན་ཚད་གཞི་དང་མཐུན་དགོས་ཤིང་།གློག་སྒྲོན་དང་།འཕྲིན་སྐྱེལ།རླུང་འགྲོ།མེ་ཟོན།བརྙན་པར་ལྟ་སྡོམ་སོགས་ཀྱི་མ་ལག་ལྷན་སྦྱར་འཛུགས་སྐྲུན་བྱེད་དགོས་པ་དང་།འགྲིམ་འགྲུལ་བདེ་འཇགས་དང་།ཆུ་ལོག་སྔོན་འགོག་སྒྲིག་བཀོད།དེ་བཞིན་གེགས་མེད་སྒྲིག་བཀོད་སོགས་སྐྲུན་དགོས་པ་མ་ཟད་དེ་ལུགས་ཀྱི་མཚོན་རྟགས་འཛུགས་དགོས།
第十一条政府建设公共停车场应当同步配建停车场信息管理系统。鼓励社会资本建设停车场同步配建停车场信息管理系统,接入政府停车场信息管理平台。
收费停车场鼓励采用电子感应设备收费,不得拒绝人工收费。
དོན་ཚན་བཅུ་གཅིག་པ།སྲིད་གཞུང་གིས་སྤྱི་པའི་རླངས་འཁོར་འཇོག་ས་འཛུགས་སྐྲུན་བྱེད་སྐབས་དུས་མཉམ་དུ་རླངས་འཁོར་འཇོག་སའི་ཆ་འཕྲིན་དོ་དམ་མ་ལག་སྐྲུན་དགོས།སྤྱི་ཚོགས་ཀྱི་མ་རྩ་བཏང་ནས་རླངས་འཁོར་འཇོག་ས་འཛུགས་སྐྲུན་བྱེད་པར་དུས་མཉམ་དུ་རླངས་འཁོར་འཇོག་སའི་ཆ་འཕྲིན་དོ་དམ་མ་ལག་སྒྲིག་སྦྱོར་བྱས་ཏེ།སྲིད་གཞུང་གི་རླངས་འཁོར་འཇོག་སའི་ཆ་འཕྲིན་དོ་དམ་ལས་སྟེགས་དང་སྦྲེལ་མཐུད་བྱ་རྒྱུའི་སྐུལ་མ་གཏོང་དགོས།
རིན་དངུལ་བསྡུ་བའི་རླངས་འཁོར་འཇོག་སར་གློག་རྡུལ་ཚོར་ཆས་སྤྱད་དེ་རིན་དངུལ་བསྡུ་རྒྱུའི་སྐུལ་མ་གཏོང་དགོས་པ་དང་།མི་ཐབས་ལ་བརྟེན་ནས་རིན་དངུལ་བསྡུ་བར་བཀག་འགོག་བྱེད་མི་རུང་།
第十二条新建设的停车场竣工后,建设单位应当通知停车场主管部门进行验收,验收合格后方可投入使用。未经验收或验收不合格的,不得投入使用。
投入使用的停车场不得擅自停止使用或者改作他用。
དོན་ཚན་བཅུ་གཉིས་པ།རླངས་འཁོར་འཇོག་ས་གསར་པ་འཛུགས་སྐྲུན་ལས་མཇུག་འགྲིལ་རྗེས།འཛུགས་སྐྲུན་བྱེད་མཁན་ཚན་པས་རླངས་འཁོར་འཇོག་ས་དོ་དམ་གཙོ་གཉེར་སྡེ་ཚན་ལ་ཞིབ་བཤེར་རྩིས་ལེན་བྱ་རྒྱུའི་བརྡ་ཐོ་གཏོང་དགོས་པ་དང་།ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་ལོན་རྗེས་གཞི་ནས་བེད་སྤྱོད་གཏོང་འགོ་འཛུགས་དགོས།ཞིབ་བཤེར་རྩིས་ལེན་མ་བྱས་པའམ་ཡང་ན་ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་མ་ལོན་པའི་རིགས་བེད་སྤྱོད་བྱེད་མི་ཆོག
བེད་སྤྱོད་གཏོང་བཞིན་པའི་རླངས་འཁོར་འཇོག་ས་རང་མཚམས་ཀྱིས་སྤྱོད་མཚམས་འཇོག་པའམ་སྤྱོད་སྒོ་གཞན་དུ་བསྒྱུར་མི་ཆོག
第十三条城市管理主管部门应当按照规定建立政府投资建设公共停车场登记制度和移交接管制度。
政府投资建设的公共停车场建设项目验收合格后,建设单位和接管单位应当按照移交接管制度的规定,及时办理交接手续并启用。
དོན་ཚན་བཅུ་གསུམ་པ།གྲོང་ཁྱེར་དོ་དམ་གཙོ་གཉེར་སྡེ་ཚན་ཁག་གིས་ངེས་པར་དུ་གཏན་འབེབས་གཞིར་བཟུང་།སྲིད་གཞུང་གིས་མ་དངུལ་བཏང་ནས་སྤྱི་པའི་རླངས་འཁོར་འཇོག་ས་བསྐྲུན་པའི་ཐོ་འགོད་ལམ་ལུགས་དང་།རྩིས་སྤྲོད་རྩིས་ལེན་དེ་བཞིན་བདག་སྤྲོད་ལམ་ལུགས་བཅས་འཛུགས་དགོས།
སྲིད་གཞུང་གིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པའི་སྤྱི་པའི་རླངས་འཁོར་འཇོག་སའི་འཛུགས་སྐྲུན་རྣམ་གྲངས་ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་ལོན་རྗེས།འཛུགས་སྐྲུན་སྡེ་ཚན་དང་རྩིས་ལེན་བདག་སྤྲོད་བྱེད་མཁན་སྡེ་ཚན་གྱིས་རྩིས་ལེན་བདག་སྤྲོད་ལམ་ལུགས་ཀྱི་གཏན་འབེབས་ལྟར།དུས་ཐོག་ཏུ་རྩིས་སྤྲོད་རྩིས་ལེན་བྱས་ནས་བེད་སྤྱོད་གཏོང་འགོ་འཛུགས་དགོས།
第十四条城市管理主管部门根据区域条件和实际停车需要,组织有关部门编制道路停车泊位设置方案并实施;公安机关交通管理部门配合做好前期调研、方案论证、施划验收及交通秩序管理等工作。其他任何单位和个人不得擅自设置道路停车泊位。
དོན་ཚན་བཅུ་བཞི་པ།གྲོང་ཁྱེར་དོ་དམ་གཙོ་གཉེར་སྡེ་ཚན་གྱིས་ས་ཁོངས་ཀྱི་ཆ་རྐྱེན་དང་རླངས་འཁོར་འཇོག་སའི་དགོས་མཁོ་དངོས་ལ་གཞིགས་ནས།འབྲེལ་ཡོད་སྡེ་ཚན་ཁག་སྒྲིག་འཛུགས་བྱས་ཏེ།འགྲོ་ལམ་ཐོག་གི་རླངས་འཁོར་འཇོག་སའི་ཇུས་གཞི་བཟོ་དགོས་པ་མ་ཟད་ལག་བསྟར་བྱེད་དགོས།སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་གཞོགས་འདེགས་བྱས་ཏེ་དུས་འགོའི་བརྟག་ཞིབ་དང་།ཇུས་གཞིར་རིགས་པས་ཁུངས་སྐྱེལ།ལག་བསྟར་རྩིས་ལེན།དེ་བཞིན་འགྲིམ་འགྲུལ་སྒྲིག་ལམ་དོ་དམ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།སྡེ་ཚན་དང་མི་སྒེར་གཞན་དག་སུ་ཞིག་གིས་ཀྱང་འགྲོ་ལམ་ཐོག་རླངས་འཁོར་འཇོག་ས་གང་བྱུང་བཀོད་སྒྲིག་བྱེད་མི་ཆོག
公安机关交通管理部门和城市管理主管部门应当建立信息共享和工作协调机制,确保道路停车泊位设置科学、规范统一。
སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་དང་གྲོང་ཁྱེར་དོ་དམ་གཙོ་གཉེར་སྡེ་ཚན་གྱིས་ངེས་པར་དུ་ཆ་འཕྲིན་མཉམ་སྤྱོད་དང་ལས་ཀའི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས།འགྲོ་ལམ་ཐོག་གི་རླངས་འཁོར་འཇོག་ས་བཀོད་སྒྲིག་བྱེད་རྒྱུ་དེ་ཚན་རིག་དང་མཐུན་པ་དང་ཚད་ལྡན་གཅིག་གྱུར་ཡོང་བ་བྱེད་དགོས།
第十五条道路停车泊位设置应当符合相关法律法规、技术标准和规范规定,不得影响步行通行,不得侵占消防通道及行人过街设施。
དོན་ཚན་བཅོ་ལྔ་པ།འགྲོ་ལམ་ཐོག་ཏུ་རླངས་འཁོར་འཇོག་ས་བཀོད་སྒྲིག་བྱེད་པར་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ།དེ་བཞིན་ལག་རྩལ་ཚད་གཞིའི་གཏན་འབེབས་བཅས་དང་མཐུན་དགོས་པ་ལས།རྐང་ཐང་བའི་བགྲོད་ལམ་འགོག་མི་ཆོག་པ་དང་།མེ་གསོད་བགྲོད་ལམ་དང་རྐང་ཐང་བའི་བགྲོད་ལམ་གྱི་འབྲེལ་ཡོད་སྒྲིག་ཆས་བཟུང་སྤྱོད་བྱེད་མི་ཆོག
禁止在以下区域和路段设置道路停车泊位:
གཤམ་གསལ་ས་ཁོངས་དང་ལམ་དུམ་དུ་འགྲོ་ལམ་གྱི་རླངས་འཁོར་འཇོག་ས་སྐྲུན་མི་ཆོག་པ་སྟེ།
(一)交叉路口、铁路道口、急弯路、宽度不足4米的窄路、桥梁、陡坡、隧道以及距离上述地点50米以内的路段;
(གཅིག)ལམ་བཞི་མདོ་ཁ་དང་།ལྕགས་ལམ་ལམ་མདོ་ཁ།ལམ་གྲུ་ཀྱོགཞེང་ཚད་སྨི་4མ་ཟིན་པའི་དོག་ལམ་དང་།ཟམ་པ།གྱེན་ཐུར་གཟར་པོ།ཕུག་ལམ་བཅས་དང་དེ་བཞིན་གོང་གསལ་ས་གནས་དང་བར་ཐག་སྨི་50ནང་ཚུན་གྱི་ལམ་དུམ་དང་།
(二)公共汽车站、急救站、加油站、消防栓或者消防队(站)门前以及距离上述地点30米以内的路段;
(གཉིས)སྤྱི་楚སྤྱོད་རླངས་འཁོར་འབབ་ཚུགས་དང་།མྱུར་སྐྱོབ་ས་ཚིགས།སྣུམ་སྣོན་ས་ཚིགས།མེ་གསོད་ཆུ་སྒོའམ་ཡང་ན་མེ་གསོད་རུ་ཁག(ས་ཚིགས)གི་སྒོའི་མདུན་ངོས།དེ་བཞིན་གོང་གསལ་ས་གནས་དང་བར་ཐག་སྨི་30ནང་ཚུན་གྱི་ལམ་དུམ།
(三)法律、法规禁止设置道路停车泊位的其他区域和路段。
(གསུམ)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འགྲོ་ལམ་ཐོག་རླངས་འཁོར་འཇོག་མི་ཆོག་པའི་ས་ཁོངས་དང་ལམ་དུམ་གཞན་དག་བཅས་སོ།
第十六条居民住宅区配建停车场不能满足业主停车需求的,其周边道路具备夜间等时段性停车条件的,在不违反规划、消防、绿化等规定的前提下,可以依法申请在周边道路设置临时停车泊位。
དོན་ཚན་བཅུ་དྲུག་པ།གྲོང་མིའི་སྡོད་ཁང་ཁུལ་དུ་རླངས་འཁོར་འཇོག་ས་བཀོད་སྒྲིག་བྱས་པ་ཁང་བདག་གིས་རླངས་འཁོར་འཇོག་པའི་དགོས་མཁོ་སྐོང་མི་ཐུབ་ཚེ།དེའི་ཉེ་འཁོར་གྱི་འགྲོ་ལམ་ཐོག་མཚན་མོ་སོགས་ཀྱི་དུས་མཚམས་རང་བཞིན་གྱི་རླངས་འཁོར་འཇོག་པའི་ཆ་རྐྱེན་འཛོམས་ཚེ།འཆར་འགོད་དང་།མེ་གསོད།སྔོ་འགྱུར་སོགས་ཀྱི་གཏན་འབེབས་ལས་མི་འགལ་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཁྲིམས་ལྟར་ཉེ་འཁོར་གྱི་འགྲོ་ལམ་ཐོག་གནས་སྐབས་རླངས་འཁོར་འཇོག་ས་འཛུགས་རྒྱུའི་རེ་ཞུ་བྱེད་ཆོག
第十七条开办经营性停车场,应当依法取得营业执照,按照行政备案规范要求向城市管理主管部门办理行政备案。
དོན་ཚན་བཅུ་བདུན་པ།གཉེར་སྐྱོང་རང་བཞིན་གྱི་རླངས་འཁོར་འཇོག་ས་འཛུགས་གཉེར་བྱེད་སྐབས།ངེས་པར་དུ་ཁྲིམས་བཞིན་གཉེར་སྐྱོང་ལག་ཁྱེར་ཐོབ་པ་བྱེད་དགོས་པ་དང་།སྲིད་འཛིན་ཐོ་འགོད་ཚད་ལྡན་གྱི་བླང་བྱ་གཞིར་བཟུང་།གྲོང་ཁྱེར་དོ་དམ་གཙོ་གཉེར་སྡེ་ཚན་དུ་སྲིད་འཛིན་ཐོ་འགོད་བྱེད་དགོས།
第十八条办理行政备案手续时,应当提供下列材料:
དོན་ཚན་བཅོ་བརྒྱད་པ།སྲིད་འཛིན་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་སྐབས་གཤམ་གྱི་ཡིག་ཆ་མཁོ་འདོན་བྱེད་དགོས་པ་སྟེ།
(一)经营者基本信息和营业执照复印件;
(གཅིག)གཉེར་སྐྱོང་པའི་གཞི་རྩའི་ཆ་འཕྲིན་དང་ལས་གཉེར་ལག་ཁྱེར་གྱི་བསྐྱར་དཔར་དང་།
(二)建设工程竣工规划核实确认书及附页;
(གཉིས)འཛུགས་སྐྲུན་ལས་གྲྭ་ཨར་གྲུབ་འཆར་འགོད་ཞིབ་དཔྱད་ངོས་བཟུང་ཡི་གེ་དང་ཟུར་བཀོད་ཤོག་ངོས།
(三)停车场设施清单和交通组织图,包括出入口、标志标线、停车泊位设置等内容;
(གསུམ)རླངས་འཁོར་འཇོག་སའི་སྒྲིག་བཀོད་ཀྱི་གསལ་ཐོ་དང་འགྲིམ་འགྲུལ་སྒྲིག་འཛུགས་དཔེ་རིས།དེའི་ནང་ཐོན་སྒོ་དང་འཛུལ་སྒོ།མཚོན་རྟགས་ཐིག་རྟགས།རླངས་འཁོར་འཇོག་ས་བཀོད་སྒྲིག་སོགས་ཀྱི་ནང་དོན་ཚུད་དགོས།
(四)经营服务及安全管理制度、管理运营维护方案和应急处置预案;
(བཞི)གཉེར་སྐྱོང་ཞབས་ཞུ་དང་།བདེ་འཇགས་དོ་དམ་ལམ་ལུགས།དོ་དམ་གཉེར་སྐྱོང་སྲུང་སྐྱོང་ཇུས་གཞི།འཕྲལ་སྡོམ་ཐག་གཅོད་སྔོན་ཇུས།
(五)场地合法使用证明材料;
(ལྔ)ས་ཆ་ཁྲིམས་མཐུན་ངང་བེད་སྤྱོད་བྱེད་པའི་དཔང་ཡིག
(六)法律、法规规定的其他材料。
(དྲུག)(掣罢)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཡིག་ཆ་གཞན་དག་བཅས་སོ།
第十九条本办法施行前已投入使用但未备案的,应当自本办法施行后及时向城市管理主管部门办理备案。无法提供完整规划许可文件的既有停车场申请备案时,城市管理主管部门应当会同消防救援机构和自然资源等部门进行联合检查,符合停车服务等基本条件的,可以予以备案或核发临时备案证明。
停车场停业、歇业的,应当及时告知城市管理主管部门。
དོན་ཚན་བཅུ་དགུ་པ།བྱ་ཐབས་འདི་ལག་བསྟར་མ་བྱས་གོང་བེད་སྤྱོད་གཏོང་འགོ་ཚུགས་ཀྱང་ཐོ་འགོད་བྱས་མེད་པའི་རིགས།ངེས་པར་དུ་བྱ་ཐབས་འདི་ལག་བསྟར་བྱས་རྗེས་དུས་ཐོག་ཏུ་གྲོང་ཁྱེར་དོ་དམ་གཙོ་གཉེར་སྡེ་ཚན་ལ་ཐོ་འགོད་བྱེད་དགོས།འཆར་འགོད་ཆོག་འཐུས་ཀྱི་ཡིག་ཆ་ཆ་ཚང་བ་མཁོ་འདོན་བྱེད་མི་ཐུབ་པའི་ད་ཡོད་རླངས་འཁོར་འཇོག་སས་ཐོ་འགོད་རེ་ཞུ་བྱེད་སྐབས།གྲོང་ཁྱེར་དོ་དམ་གཙོ་གཉེར་སྡེ་ཚན་གྱིས་མེ་གསོད་རོགས་སྐྱོབ་ལས་ཁུངས་དང་རང་བྱུང་ཐོན་ཁུངས་སོགས་ཀྱི་སྡེ་ཚན་དང་མཉམ་འབྲེལ་ཞིབ་བཤེར་བྱས་ནས།རླངས་འཁོར་འཇོག་པའི་ཞབས་ཞུ་མཁོ་འདོན་སོགས་ཀྱི་གཞི་རྩའི་ཆ་རྐྱེན་འཛོམས་མཁན་ལ།ཐོ་འགོད་བྱེད་པའམ་ཡང་ན་སྐབས་འཕྲལ་གྱི་ཐོ་འགོད་དཔང་ཡིག་དཔྱད་སྤྲོད་བྱེད་ཆོག
རླངས་འཁོར་འཇོག་ས་ལས་མཚམས་བཞག་ཚེ།དུས་ཐོག་ཏུ་གྲོང་ཁྱེར་དོ་དམ་གཙོ་གཉེར་སྡེ་ཚན་ལ་གསལ་བཤད་བྱེད་དགོས།
第二十条从事停车场经营,应当遵守下列规定:
དོན་ཚན་ཉི་ཤུ་པ།རླངས་འཁོར་འཇོག་ས་གཉེར་སྐྱོང་བྱེད་པར་གཤམ་གསལ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པ་སྟེ།
(一)在显著位置公示停车场名称、服务项目、收费依据、收费标准、车位数量和监督电话等事项;
(གཅིག)མངོན་གསལ་དོད་སར་རླངས་འཁོར་འཇོག་སའི་མིང་དང་།ཞབས་ཞུའི་རྣམ་གྲངས།རིན་བསྡུའི་གཞི་འཛིན་ས།རིན་བསྡུའི་ཚད་གཞི།རླངས་འཁོར་འཇོག་སའི་གྲངས་འབོར།ལྟ་སྐུལ་ཁ་པར་སོགས་ཀྱི་གནས་ཚུལ་ཡོངས་བསྒྲགས་བྱེད་དགོས་པ་དང་།
(二)施划明显的车位、停泊方向和车辆进出引导标志;
(གཉིས)རླངས་འཁོར་འཇོག་ས་དང་།འཇོག་ཕྱོགས།རླངས་འཁོར་ཕྱིར་ཐོན་ནང་འཛུལ་གྱི་ཁྲིད་སྟོན་མཚོན་རྟགས་མངོན་གསལ་འགོད་དགོས་པ།
(三)有健全的消防、安全、环境卫生管理、设施维护保养等制度;
(གསུམ)མེ་ཟོན་དང་།བདེ་འཇགས།ཁོར་ཡུག་འཕྲོད་བསྟེན་དོ་དམ།སྒྲིག་བཀོད་སྲུང་སྐྱོང་ཉམས་གསོ་བཅས་ཀྱི་ལམ་ལུགས་ཆ་ཚང་པོ་ཡོད་དགོས་པ།
(四)做好停车场的日常巡查和安全管理,保障停放车辆安全。发生治安案件、火灾等紧急情况时,及时采取应急措施并向公安等有关部门和消防救援等机构报告;
(བཞི)རླངས་འཁོར་འཇོག་སའི་རྒྱུན་གཏན་གྱི་སྐོར་ཞིབ་དང་བདེ་འཇགས་དོ་དམ་ཡག་པོ་བྱས་ནས།རླངས་འཁོར་གྱི་བདེ་འཇགས་འགན་སྲུང་བྱེད་དགོས་པ་དང་།བདེ་འཇགས་ཀྱི་གྱོད་གཞི་དང་མེ་སྐྱོན་སོགས་ཛ་དྲག་ཆེ་བའི་གནས་ཚུལ་ཐོན་སྐབས་འཕྲལ་སྡོམ་བྱ་ཐབས་སྤྱོད་དགོས་པ་མ་ཟད།སྤྱི་བདེ་སོགས་འབྲེལ་ཡོད་སྡེ་ཚན་དང་མེ་གསོད་རོགས་སྐྱོབ་སོགས་ལས་ཁུངས་ལ་སྙན་སེང་ཞུ་དགོས་པ།
(五)法律、法规规定的其他应当遵守的规定。
(ལྔ)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་གཏན་འབེབས་གཞན་དག་བཅས་སོ།
第二十一条鼓励具备条件的政府机关、企事业单位、社会团体将其专用停车场向社会开放。
དོན་ཚན་ཉེར་གཅིག་པ།ཆ་རྐྱེན་འཛོམས་པའི་རྒྱལ་ཁབ་ལས་ཁུངས་དང་།ཁེ་ལས་དང་བྱ་གཞག་ཚན་པ།སྤྱི་ཚོགས་ཀྱི་ཚོགས་པ་བཅས་ཀྱི་ཆེད་སྤྱོད་རླངས་འཁོར་འཇོག་ས་དེ་སྤྱི་ཚོགས་ལ་སྒོ་མོ་འབྱེད་རྒྱུའི་སྐུལ་མ་གཏོང་དགོས།
第二十二条本市停车场收费实行政府定价和市场调节价:
དོན་ཚན་ཉེར་གཉིས་པ།གྲོང་ཁྱེར་དེ་གའི་རླངས་འཁོར་འཇོག་སའི་གྲོན་དངུལ་དེ་སྲིད་གཞུང་གི་གཏན་འཁེལ་རིན་གོང་དང་ཁྲོམ་རའི་སྙོམས་སྒྲིག་རིན་གོང་ལག་བསྟར་བྱེད་རྒྱུ་སྟེ།
(一)政府投资建设的公共停车场、道路停车泊位以及公立医院、公办普通高校等停车场服务收费实行政府定价;
(གཅིག)སྲིད་གཞུང་གིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པའི་སྤྱི་པའི་རླངས་འཁོར་འཇོག་ས་དང་།འགྲོ་ལམ་ཐོག་གི་རླངས་འཁོར་འཇོག་ས།དེ་བཞིན་གཞུང་བཙུགས་སྨན་ཁང་དང་གཞུང་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མ་སོགས་ཀྱི་རླངས་འཁོར་འཇོག་སའི་ཞབས་ཞུའི་གྲོན་དངུལ་དེ་སྲིད་གཞུང་གི་གཏན་འཁེལ་རིན་གོང་ལག་བསྟར་བྱེད་རྒྱུ་དང་།
(二)社会资本全额投资新建停车场服务收费标准由经营者依法自主制定;
(གཉིས)སྤྱི་ཚོགས་ཀྱི་མ་རྩས་གསར་དུ་བསྐྲུན་པའི་རླངས་འཁོར་འཇོག་སའི་ཞབས་ཞུའི་གྲོན་དངུལ་བསྡུ་བའི་ཚད་གཞི་དེ་གཉེར་སྐྱོང་བྱེད་མཁན་གྱིས་རང་ཚུགས་ངང་གཏན་འཁེལ་བྱ་རྒྱུ།
(三)政府与社会资本合作建设停车场服务收费标准由双方协议确定。
(གསུམ)སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩས་མཉམ་དུ་བསྐྲུན་པའི་རླངས་འཁོར་འཇོག་སའི་ཞབས་ཞུའི་གྲོན་དངུལ་བསྡུ་བའི་ཚད་གཞི་དེ་ཕྱོགས་གཉིས་པོས་གྲོས་མཐུན་བྱས་ནས་གཏན་འཁེལ་བྱེད་རྒྱུ།
政府投资建设的公共停车场和道路停车泊位的经营收入全额上缴国库,实行收支两条线。
སྲིད་གཞུང་གིས་མ་དངུལ་བཏང་ནས་སྐྲུན་པའི་སྤྱི་པའི་རླངས་འཁོར་འཇོག་ས་དང་འགྲོ་ལམ་ཐོག་གི་རླངས་འཁོར་འཇོག་སའི་གཉེར་སྐྱོང་ཡོང་འབབ་ཚང་མ་རྒྱལ་མཛོད་ལ་གོང་འབུལ་ཞུས་ནས་གཏོང་ཡོང་ལོག་འབྱེད་བྱེད་དགོས།
第二十三条在停车场停放车辆时,应当遵守下列规定:
དོན་ཚན་ཉེར་གསུམ་པ།རླངས་འཁོར་འཇོག་སར་རླངས་འཁོར་འཇོག་སྐབས་གཤམ་གསལ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པ་སྟེ།
(一)遵守停车场管理制度,服从工作人员指挥,有序停放车辆;
(གཅིག)རླངས་འཁོར་འཇོག་སའི་དོ་དམ་ལམ་ལུགས་ལ་བརྩི་སྲུང་དང་།ལས་དོན་མི་སྣའི་བཀོད་འདོམས་ལ་བརྩི་སྲུང་ཞུས་ནས།གོ་རིམ་ལྡན་པའི་ངང་རླངས་འཁོར་འཇོག་པ་དང་།
(二)不得损坏停车场设施、设备;
(གཉིས)རླངས་འཁོར་འཇོག་སའི་སྒྲིག་བཀོད་དང་སྒྲིག་ཆས་ལ་གཏོར་སྐྱོན་གཏོང་མི་ཆོག་པ།
(三)不得装载易燃、易爆、有毒等危险物品;
(གསུམ)འབར་སླ་བ་དང་།གས་སླ་བ།དུག་ལྡན་པ་ལ་སོགས་པའི་དངོས་རྫས་ཉེན་ཅན་བླུག་མི་ཆོག་པ།
(四)按照停车泊位标示停放车辆;
(བཞི)རླངས་འཁོར་འཇོག་སའི་མཚོན་རྟགས་ལྟར་རླངས་འཁོར་འཇོག་པ།
(五)按照实际占用泊位缴纳停车费;
(ལྔ)རླངས་འཁོར་འཇོག་ས་བཟུང་སྤྱོད་བྱས་པའི་དོན་དངོས་ལ་གཞིགས་ནས་རླངས་འཁོར་འཇོག་གླ་སྤྲོད་པ།
(六)不得以安装地桩、地锁或者其他方式擅自设置、占用停车泊位;
(དྲུག)ས་ཕུར་དང་སྒོ་ལྕགས་སྒྲིག་སྦྱོར་བྱེད་པའམ་ཡང་ན་བྱ་ཐབས་གཞན་སྤྱད་དེ་རླངས་འཁོར་འཇོག་ས་རང་དགར་འཛུགས་པ་དང་བཟུང་སྤྱོད་བྱེད་མི་ཆོག་པ།
(七)法律、法规规定的其他规定。
(བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འབྲེལ་ཡོད་གཏན་འབེབས་གཞན་དག་བཅས་སོ།
第二十四条任何单位和个人都不得将废弃的车辆停放在公共停车场、专用停车场、道路停车泊位。
对停放的废弃车辆,其所有人应当及时自行清理。未及时清理的由公安机关交通管理部门依法处理。
དོན་ཚན་ཉེར་བཞི་པ།ཚན་པ་དང་མི་སྒེར་སུ་ཞིག་གིས་ཀྱང་བེད་མེད་དུ་བསྐྱུར་བའི་རླངས་འཁོར་སྤྱི་པའི་རླངས་འཁོར་འཇོག་ས་དང་།ཆེད་སྤྱོད་རླངས་འཁོར་འཇོག་ས།འགྲོ་ལམ་ཐོག་གི་རླངས་འཁོར་འཇོག་ས་བཅས་སུ་འཇོག་མི་ཆོག
བེད་མེད་དུ་བཞག་པའི་རླངས་འཁོར་དེ་འཁོར་བདག་གིས་དུས་ཐོག་ཏུ་གཙང་བཤེར་བྱེད་དགོས།དུས་ཐོག་ཏུ་གཙང་བཤེར་མ་བྱས་པའི་རིགས་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ།
第二十五条违反本办法规定的行为,法律、法规已有法律责任规定的,从其规定。
དོན་ཚན་ཉེར་ལྔ་པ།བྱ་ཐབས་འདིའི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བཅའ་ཁྲིམས་ཀྱི་འགན་འཁྲི་གཏན་འབེབས་བྱས་ཟིན་ཡོད་ཚེ།གཏན་འབེབས་དེ་བཞིན་ལག་བསྟར་བྱེད་རྒྱུ།
第二十六条本办法自2026年9月1日起施行。
དོན་ཚན་ཉེར་དྲུག་པ།བྱ་ཐབས་འདི་༢༠༢༦ལོའི་ཟླ་༩ཚེས་༡ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

当前位置 :



藏公网安备:54242102000109号


